ཀུན་གི་དགོངས་པར་མངའ་གསལ་ལྟར་འདི་ལོ་ནི་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་ཟུང་མཚན་དཔེའི་རེ་ཁ་བདག་སོགས་བསྟན་འགྲོའི་དཔལ་མགོན་མཚུངས་ཟླ་མ་མཆིས་པར་མངོན་པར་བཞད་དེ་ཕྱི་ལུགས་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྔ་བསྣུར་གྱིས་དགའ་དད་སྤྲོ་གསུམ་གྱིས་སྲུང་བརྩི་ཞུ་རྒྱུའི་ཐོག་སྐབས་སུ་བབས་པ། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༢༥ སྐུའི་བླ་གཟའ་ལྷག་དཀར་དགེ་བའི་ཉིན་གནས་མཆོག་རྡ་རམ་ས་ལ་ལྷ་རྒྱལ་རིར་དབུས་མལ་གྲོ་གུང་དཀར་སྐྱིད་སྡུག་ནས་སྐུའི་གོ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྔ་བསྣུར་གྱིས་དགའ་དད་སྤྲོ་གསུམ་གྱིས་སྲུང་བརྩི་ཞུས་པའི་ཐོག་སྐུ་ཕྱྭའི་ཞབས་རིམ་དུ་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་རླུང་རྟ་བསངས་གསོལ་དང་གསེར་སྐྱེམས། འདིར་ཕེབས་པའི་རྡ་སའི་སེར་སྐྱ་མི་མང་ཡོངས་ལ་གསོལ་ཇ་འབྲས་སིལ་བཅས་ཕུལ་ཡོད།
