བརྒྱུད་ལམ་ཁག་དང་བོད་ནང་ནས་གནས་ཚུལ་ཐོན་པར་གཞིགས་ན་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༧ ཐོ་རེངས་ཆུ་ཚོད་ ༤ དང་སྐར་མ་ ༡༩ ཙམ་ལ་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་དུ་ས་ཡོམ་རིམ་པ་ ༤.༥ ཅན་ཞིག་བརྒྱབས་ཡོད་པ་དང་། ས་ཡུལ་དངོས་སུ་ས་ཡོམ་བརྒྱབས་ཡོད་པ་ནི་དངོས་ཡོད་གྱི་གནས་ཚུལ་ཅིག་ཡིན་པ་ར་སྤྲོད་བྱུང་ཡོད་ཀྱང་མི་རྒྱུ་གཉིས་ལ་གོད་ཆག་བྱུང་བའི་རིགས་གང་ཡང་བྱུང་མེད་པའི་གནས་ཚུལ་ཐོན་བཞིན་འདུག སྤྱིར་མལ་གྲོ་གུང་དཀར་ནི་ལྷ་ས་གྲོང་ཁྱེར་མངའ་འོག་གི་རྫོང་ཞིག་ཡིན་པ་དང་། རྫོང་དེ་བཞིན་ས་ཆ་རྒྱ་ཆེ་ལ་ཤིང་ནགས་དང་གཏེར་ཁ་མང་བའི་རྫོང་ཞིག་ཡིན་བས། རྒྱ་ནག་གཞུང་གིས་རྒྱུགས་ཆུ་བཀག་སྟེ་གློག་ཁང་འཛུགས་པ་དང་གཏེར་རྡོ་འདོན་པ་སོགས་ཀྱི་བྱེད་ལས་སྣ་ཚོགས་སྤེལ་བའི་ཉེར་ལེན་ཞིག་ཡིན་པ་ནི་སྨོས་མི་དགོས་པ་ཞིག་རེད།