རྡ་རམ་ས་ལ་ལྷ་རྒྱལ་རིར་སྐུའི་གོ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྔ་བསྣུར་གྱིས་དགའ་དད་སྤྲོ་གསུམ་གྱིས་སྲུང་བརྩི་ཞུ་རྒྱུའི་ཐོག་སྐུ་ཕྱྭའི་ཞབས་རིམ་ཁག་སྒྲུབ་རྒྱུའི་གསལ་བསྒྲགས།

༄༅། །ཕུན་ཚོགས་སྡེ་བཞིའི་དཔལ་ལ་མངོན་པར་མཐོ་བ་བོད་རང་དབང་བདེན་པའི་ལས་འགུལ་ཁང་གི་༸མི་རྗེ་སྐུ་ངོ་མཆོག་གི་༸ཞབས་དྲུང་དུ།

ཆེད་ཞུ།

དབུས་མལ་གྲོ་གུང་དཀར་སྐྱིད་སྡུག་ནས་སྐྱབས་འཇུག་ཞུ་གསོལ། ཀུན་གྱི་དགོངས་པར་མངའ་གསལ་ལྟར་འདི་ལོ་ནི་ཅས་སྲིད་ཞིའི་གཙུག་རྒྱན་ལ་་ག་་ལགངས་སྐྱབས་མགོན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋསྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་ཟུང་མཚན་དཔེའི་རེ་ཁ་བདག་སོགས་བསྟན་འགྲོའི་དཔལ་མགོན་མཚུངས་ཟླ་མ་མཆིས་པར་མངོན་པར་བཞད་དེ་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྔ་བསྣུར་གྱིས་དགའ་དད་སྤྲོ་གསུམ་གྱིས་བསྲུང་བརྩི་ཞུ་རྒྱུའི་ཐོག་སྐབས་སུ་བབས་པ། ཕྱི་ལོ་༢༠༢༥ ཟླ་༦ ཚེས་༢༥ སྐུའི་བླ་གཟའ་ལྷག་དཀར་དགེ་བའི་ཉིན་གནས་མཆོག་རྡ་རམ་ས་ལ་ལྷ་རྒྱལ་རིར་སྐུའི་གོ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྔ་བསྣུར་གྱིས་དགའ་དད་སྤྲོ་གསུམ་གྱིས་སྲུང་བརྩི་ཞུ་རྒྱུའི་ཐོག་སྐུ་ཕྱྭའི་ཞབས་རིམ་དུ་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་རླུང་རྟ་བསང་གསོལ་དང་གསེར་སྐྱེམས། མང་ཚོགས་ལ་གསོལ་ཇ་འབྲས་སིལ་བཅས་ཕུལ་རྒྱུ་ཡིན་ལག་ན།

དཔལ་ལྡན་རང་དབང་བདེན་པའི་ལས་འགུལ་ཁང་ནས་དེ་ཉིན་ལྷ་རྒྱལ་རི་ལ་ངེད་སྐྱིད་སྡུག་གི་ངོས་ནས་སྐུ་ཕྱྭའི་ཞབས་རིམ་རླུང་རྟ་བསང་གསོལ་དང་གསེར་སྐྱེམས། མང་ཚོགས་རྣམས་ལ་གསོལ་ཇ་འབྲས་སིལ་བཅས་འབུལ་ཆོག་པ་དང༌། དེར་དགོས་པའི་བཞུགས་ཁྲི་དང་ཁྲི་ཆས། ཐབ་ཆས་རིགས་དང་སྐད་པར་དང་སྒྲ་སྒམ་སོགས་གང་དགོས་གཡར་གནང་བཀའ་འཕྲོལ་ཡོང་བ་ཅི་ཀྱང་ཞུ་ཞུ།

དབུས་མལ་གྲོ་གུང་དཀར་སྐྱིད་སྡུག་ནས་ཕྱི་ལོ་༢༠༢༥ ཟླ་༦ ཚེས་༢༢ ཉིན་ཕུལ།