གོ་སྟོན་གྱི་ཆེད་༸སྐུ་ཕྱྭའི་ཞབས་རིམ་གནས་བརྟན་ཕྱག་མཆོད་གསལ་བསྒྲགས།

༄༅། །རིགས་ཞེན་ལྷག་བསམ་གྱི་དུང་ཟླ་མཆོག་ཏུ་དཀར་བའི་ཕ་ཡུལ་མལ་གྲོ་གུང་དཀར་གྱི་སེར་སྐྱ་ཕུ་ནུ་མིང་སྲིང་ཡོངས་ཀྱི་སྙན་གྱི་དབང་པོའི་དྲུང་དུ།

ཆེད་ཞུ།

ཀུན་གྱི་དགོངས་པར་མངའ་གསལ་ལྟར་འདི་ལོ་ནི་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་ཟུང་མཚན་དཔེའི་རེ་ཁ་བདག་སོགས་བསྟན་འགྲོའི་དཔལ་མགོན་མཚུངས་ཟླ་མ་མཆིས་པར་མངོན་པར་བཞད་དེ་ཕྱི་ལུགས་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྔ་བསྣུར་གྱིས་དགའ་དད་སྤྲོ་གསུམ་གྱིས་བསྲུང་བརྩི་ཞུ་རྒྱུའི་ཐོག་སྐབས་སུ་བབས་པའི་དཔལ་ལྡན་ཚོགས་གཙོ་དགེ་བཤེས་གྲགས་པ་བརྩོན་འགྲུས་མཆོག་དབུ་བཞུགས་ཐོག་རྒྱུན་ལས་རྣམས་གོ་བསྡུར་རིམ་པར་ཞུས་འབྲས་སུ༎

གཏན་འབེབས་བྱུང་བའི་མཛད་རིམ་ཁག་གཤམ་གསལ།

ཟླ་ཚེས། མཛད་རིམ། ས་གནས།
༦/༣༠ ཉིན་༸རྒྱལ་བའི་བཞུགས་ཁྲིར་རྟེན་གསུམ་འདེགས་འབུལ་དང་སྐུ་ཕྱྭའི་ཞབས་རིམ་གནས་བརྟན་ཕྱག་མཆོད་ཀྱི་ཐོག་སྐུ་འགྱེད་དང་ཞལ་ལག་བཅས་གོ་སྒྲིག་ཞུ་རྒྱུ་དང༌།མོན་གྷོ།  
༧/༡ ཉིན་ཞབས་རིམ་སྒྲོལ་ཆོག་དང་རྒྱལ་བའི་མཚན་སྔགས་གསོག་བསྒྲུབ་ཀྱི་ཐོག་སྐུ་འགྱེད་དང༌། ཞལ་ལག་བཅས་གོ་སྒྲིག་ཞུ་རྒྱུ། སྦེལ་ཀོབ།
༧/༢ བཞུགས་སྒར་ལྷ་རྒྱལ་རཱིར་ལྷ་བསངས་དང་འཕྲིན་བཅོལ་བཅས་འབུལ་གནང་རྒྱུ་དང༌། སྐུ་འགྱེད་ཞལ་ལག་བཅས་གོ་སྒྲིག་ཞུ་རྒྱུ། རྡ་ས།

༤༽གོང་ཚེས་ཉིན་ནས་དབུ་འཛུགས་ཀྱིས་གཞུང་འབྲེལ་དྲ་རྒྱའི་ནང་དུ་ྋརྒྱལ་བའི་མཛད་རྣམ་དང༌། ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་དམིགས་བསལ་ཆེས་མཁས་པས་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གོ་སྒྲིག་ཞུ་རྒྱུ་བཅས་ཡིན་པས་ཚང་ མས་ཐུགས་སྣང་ཡོང་བའི་ཞེན་བསྐུལ་ཞུ་རྒྱུ་ཡིན། དམིགས་བསལ་ས་གནས་ཁག་སོ་སོར་གོ་སྟོན་གྱི་མཛད་སྒོར་མངར་ཟས་སྦྲི་གོར་གོ་སྒྲིག་ཞུ་རྒྱུ་བཅས་ཀྱི་བརྡ་ཁྱབ་ཏུ་ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༡ ཉིན། དབུས་མལ་གྲོ་དགུང་དཀར་སྐྱིད་སྡུག་གི་རྒྱུན་ལས་ཁང་ནས་སྤེལ། ། ༎